ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཡིས་རྒྱལ་སྤྱིའི་རྩ་འཛུགས་བརྒྱུད་དེ་ཁྲའོ་ཞན་ལ་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཧན་གོའི་སྲིད་གཞུང་གིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བརྒྱུད་དེ་ཁྲའོ་ཞན་ལ་ཧན་གོ་ནས་ཐོན་པའི་འབྲས་ཏུན་ཁྲི་ལྔའི་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

ཧན་གོའི་གཅིག་གྱུར་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧན་གོས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བར་གྲོས་མོལ་བྱས་རྗེས་གོང་གི་ཆོད་དོན་དེ་བཏོན་པ་ཡིན་ཟེར། 

གཅིག་གྱུར་པུའུ་ཡིས་ད་རུང་བཤད་རྒྱུར། ཐེངས་འདིའི་རོགས་སྐྱོར་གྱི་འབྲུ་རིགས་དག་མྱུར་མོར་ཁྲའོ་ཞན་སྡོད་དམངས་ཀྱི་ལག་ཏུ་སྤྲོད་ཐུབ་པར་རེ་སྒུག་བྱས་ཡོད་པ་དང་། མ་འོངས་པར་ཐེངས་འདིའི་འབྲུ་རིགས་རོགས་སྐྱོར་གྱི་མཇུག་འབྲས་གཞིར་བཟུང་ནས་ཁྲའོ་ཞན་ལ་དམིགས་པའི་རོགས་སྐྱོར་གྱི་གཞི་རྒྱ་དང་དུས་ཚོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།