ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་བརྡས་གཅོད་དབང་ཆ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་འདེམ་ཤོག་འཕངས་ཏེ་གྲོས་ཆོད་ཅིག་བཀོད་ནས། ལས་ཁུངས་དེའི་གྲོས་ཁང་ཚོགས་ཆེན་གྱི་ལས་རིམ་སྒྲིག་སྲོལ་ཁྲོད་གཏན་འཁེལ་དོན་ཚན་ཞིག་ཁ་སྣོན་བྱས་པ་དང་། གཏན་འཁེལ་དོན་ཚན་དེ་ལས་དོན་དངོས་སུ་ཨུ་རུ་སིའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་གྱི་བརྡས་གཅོད་དབང་ཆ་སླར་གསོ་བྱས་ཡོད་པ་རེད། 

ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་ནས་ཉིན་དེར་འདེམ་ཤོག་བརྒྱ་དང་བཅུ་དགུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་རེ་གཉིས་ཀྱིས་ངོ་རྒོལ་བྱས་ལ། འདེམ་ཤོག་བཅུ་ཡིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གོང་གི་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་དེར་འབྲེལ་བའི་གཏན་འཁེལ་དོན་ཚན་ཁ་སྣོན་བྱས་པ་ལས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་ཁུངས་དེར་སྡོད་པའི་གྲོས་ཁང་ཚོགས་ཆེན་གྱི་འཐུས་མིའི་འདེམ་ཤོག་འཕེན་པ་དང་གཏམ་བཤད་སྤེལ་བ་སོགས་ཀྱི་ཁེ་དབང་ལ་འགན་སྲུང་གསལ་བོ་བྱས་ཡོད་པར་མ་ཟད། ད་ལྟ་ཚོགས་ཆེན་དུ་འཐུས་མི་མངག་གཏོང་བྱས་མེད་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚོགས་ཆེན་གྲོས་རིམ་ལ་ཞུགས་པའི་འཐུས་མིའི་ཐོབ་ཐང་དཔང་ཡིག་སྤྲོད་པར་གདན་ཞུ་བྱས་ཡོད། 

གྲོས་ཆོད་ལས་ཐད་ཀར་དུ་ཨུ་རུ་སི་གླེང་མེད་ཀྱང་། དོན་དངོས་སུ་ཨུ་རུ་སིའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་གྱི་བརྡས་གཅོད་དབང་ཆ་སླར་གསོ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།