ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཏུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་ཐུར་ཁེའི་ཕྱི་འབྲེལ་དཔོན་པོར་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་ལས་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཧིན་ནེ་སི·ཕུའུ་ལཱ་སི་ཧཱ་ཐི་ཡིས་ཚེས་བཅུ་བདུན་ཉིན་ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཞིག་ལ་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་དྲག་པོ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཧིན་ནེ་སི·ཕུའུ་ལཱ་སི་ཧཱ་ཐི་ཡིས་བཤད་རྒྱུར། གནས་ཚུལ་ཅི་ཞིག་གི་འོག་ཏུའང་། མི་སེམས་དངངས་པར་བྱེད་པའི་འཇབ་རྒོལ་དོན་རྐྱེན་དེ་རིགས་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་བ་དང་། ངེས་པར་དུ་རྒོལ་གཏམ་དྲག་པོ་གཏོང་དགོས་ཟེར། ཁོ་མོས་དབྱི་རག་དབང་འཛིན་ལས་ཁུངས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱས་ཏེ་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་། 

དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐད་ནས་ཁ་པར་གྲོས་མོལ་བྱས། ཧཱ་ཅི་མུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་རག་ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་བར་མཐུན་སྦྱོར་བྱས་ཏེ་རྟོག་ཞིབ་བྱས་ནས་ལག་དམར་གྱི་དམིགས་ཡུལ་གཏན་འཁེལ་བྱེད་བཞིན་ཡོད། ཕྱི་འབྲེལ་དཔོན་པོར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེས་དབྱི་རག་དང་ཐུར་ཁེའི་འབྲེལ་བར་གཏོར་བརླག་ཐེབས་མི་སྲིད་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཆོད་སེམས་ཇེ་དྲག་ཏུ་གཏོང་ཐུབ་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།