ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་ཟླ་འདིའི་ཟླ་མཇུག་ཧྲང་ཧེ་ནས་སྤེལ་རྒྱུ་རེད།

    སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

14.jpg

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོའི་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་དེ་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཧྲང་ཧེ་ནས་སྤེལ་རྒྱུ་རེད་ཟེར། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་དེ་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཧྲང་ཧེ་ནས་སྤེལ་རྒྱུ་རེད་ཟེར། 

ཀའོ་ཧྥུན་གྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཏཱ་པན་ནས་གྲོས་མོལ་བྱེད་སྐབས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱེད་ཆེད། ཕྱོགས་གཉིས་ཀྱི་སྣེ་ཁྲིད་པས་ཟླ་བདུན་པས་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཧྲང་ཧེ་ནས་ཐུག་འཕྲད་བྱས་ཏེ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་སྤེལ་རྒྱུ་རེད་ཟེར། 

ཨ་མེ་རི་ཁའི་མི་རེ་འགས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཁ་ཐོར་དུ་སོང་བའི་གཏམ་བཤད་སྤེལ་བར་དམིགས་ཏེ། ཀའོ་ཧྥུན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཁ་ཐོར་དུ་སོང་བར་བརྗོད་པ་དེ་ཚོང་རའི་དཔལ་འབྱོར་ཆོས་ཉིད་དང་འགལ་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱི་འདོད་བློ་དང་འགལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འགལ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་དང་འཛམ་གླིང་གི་དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།