ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་དམག་དཔུང་གིས་ནེ་ཀྲི་རི་ཡཱ་དང་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཁྲུག་རྩོད་བྱས་ཏེ་མི་མང་བོར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱ་དང་ཁཱ་མེ་ལུང་། ནེ་ཀྲིར། ཀྲ་ཏི་བཅས་རྒྱལ་ཁབ་ཀྱིས་གྲུབ་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གིས་ཉིན་དེར་ནེ་ཀྲི་རི་ཡཱའི་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བསད། རྒྱལ་ཁབ་མང་བོའི་དམག་དཔུང་གི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད་ཟེར། 

ནེ་ཀྲི་རི་ཡཱའི་སྐམ་དམག་གི་མགྲིན་ཚབ་པ་ཨན་ཐིས་ཅཱ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་ཙམ་པའོ་ཨར་ནོའུ་ཀྲིག་གི་པཱ་ཅཱ་གྲོང་རྡལ་དུ་ཡོང་ནས། རྒྱལ་ཁབ་མང་བོའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱེད་རྩིས་ཡོད་ཀྱང་། གཡོ་ཇུས་དེ་སྔ་མོ་ནས་ཤེས་སོང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་མི་མང་བོར་རྨས་ཕོག་ནས་བྲོས་བྱོལ་བྱས་ཟེར། 

ཨན་ཐིས་ཅཱ་ཡིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་དམག་དཔུང་གིས་མུ་མཐུད་དུ་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། རིམ་བཞིན་རྩ་འཛུགས་དེའི་ཀྲ་ཏིའི་གཞོང་ས་རུ་ཡོད་པའི་སྦས་སྐོང་བྱེད་ས་གཙང་ཕྱགས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།