ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ལ་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་མི་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་བཀག་སྡོམ་བྱས་པའི་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གསུམ་གྱིས་ཨ་མེ་རི་ཁའི་ཆོད་དོན་དེར་རྒྱབ་སྐྱོར་མི་བྱེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དེང་སྐབས་ཀྱི་ཛ་དྲག་གི་གནས་བབ་འོག ཕྱི་འབྲེལ་གྱི་ཐབས་གང་ཡིན་ཡང་ངེས་པར་དུ་སྒོ་འབྱེད་སྲུང་འཛིན་བྱེད་དགོས། ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་དུས་རྒྱུན་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། དམིགས་ཡུལ་ནི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་དབྱི་ལིང་གིས་ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་ཡིན་ཟེར། 

སྤྱི་སྒྲོག་ལས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཆོག་མཆན་ཐོབ་པའི་དམངས་བཀོལ་ཉིང་རྡུལ་ནུས་པའི་མཉམ་ལས་ལས་གཞི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རྩིས་མེད་དུ་གཏོང་དགོས་པའི་སྐུལ་མ་བཏང་། 

ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁས་ཀྲ་ལི་ཧྥུའུ་ལ་བཀག་སྡོམ་བྱེད་པའི་རྒྱུ་མཚན་ནི་ཁོའི་ཕྱི་འབྲེལ་གྱི་འཇོན་ནུས་ལ་འཇིགས་དངངས་སྐྱེས་པས་རེད། གལ་ཏེ་ཨ་མེ་རི་ཁས་གྲོས་མོལ་བྱེད་པར་རྣམ་འགྱུར་བཟང་བོ་བཅངས་ཡོད་ན། ཕྱི་འབྲེལ་བློན་ཆེན་ལས་གཞན་སུ་ཞིག་གྲོས་མོལ་བྱེད་མཁན་དུ་འགྱུར་སྲིད་དམ་ཟེར། 

ད་ལོའི་ཟླ་དྲུག་པར། ཨ་མེ་རི་ཁས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་དེས་མགོ་ཁྲིད་པའི་ལས་ཁུངས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཨ་མེ་རི་ཁས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱུ་མཚན་ནི་ཀྲ་ལི་ཧྥུའུ་ཡིས་ཧཱ་མཱེ་ནེ་དབྱེ་ཡི་ཚབ་ཏུ་ལས་དོན་བསྒྲུབ་པས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།