ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་རྣམ་པ་གསར་བའི་མེ་ཤུགས་འཕུར་མདའི་གཏོང་འཕེན་ལ་མཛུབ་སྟོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་གཉིས་ཉིན་གྱི་ཞོགས་པར་ཡང་བསྐྱར་ཁྲའོ་ཞན་གྱི་གསར་དུ་གསར་སྤེལ་བྱས་པའི་མེ་ཤུགས་འཕུར་མདའི་གཏོང་འཕེན་བྱ་བར་མཛུབ་སྟོན་བྱས་ཟེར། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ལྟ་ཞིབ་ཁང་ནས་གཏོང་འཕེན་བྱ་བར་མཛུབ་སྟོན་བྱས། གཏོང་འཕེན་བྱས་པ་བརྒྱུད་དེ་མེ་ཤུགས་འཕུར་མདའི་འཕུར་སྐྱོད་མཐོ་ཚད་ཀྱི་ཚོད་འཛིན་ནུས་པ་དང་དམིགས་འབེན་ལ་ཕོག་ཚད། འཐབ་འཛིང་པུའུ་ཡི་འགས་གཏོར་གྱི་ཤུགས་ཚད་སོགས་ལ་ཀུན་ཡིད་ཚིམས་པའི་གྲུབ་འབྲས་ཐོབ་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་ཐེངས་འདིའི་མེ་ཤུགས་འཕུར་མདའི་གཏོང་འཕེན་མཇུག་འབྲས་ལ་ཧ་ཅང་ཡིད་ཚིམས་ཡོད་ཟེར། 

བསྒྲགས་པའི་གནས་ཚུལ་ལས་ཐེངས་འདིར་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པའི་བྱ་འགུལ་སྤེལ་སའི་བྱེ་བྲག་གི་ས་གནས་གསལ་བོར་བསྒྲགས་མེད། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཟླ་བདུན་པའི་ཚེས་ས་གཅིག་ཉིན་ཁྲའོ་ཞན་གྱིས་གསར་དུ་གསར་སྤེལ་བྱས་པའི་མེ་ཤུགས་འཕུར་མདའི་གཏོང་འཕེན་ལ་ལྟ་ཞིབ་དང་མཛུབ་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།