ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེའི་དམག་དཔུང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་དུ་བསླེབ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་བསླེབ་ནས་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་པུའུ་ཨར་སཱ་གྲོང་ཁྱེར་དུ་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ཐུར་ཁེ་ལ་དམིགས་པའི་མེ་སྒྱོགས་ཀྱི་འཇབ་རྒོལ་མུ་མཐུད་དུ་སྤེལ་ན། ཐུར་ཁེ་ཕྱོགས་ཀྱང་ཁ་རོག་ཏུ་འདུག་མི་སྲིད། ང་ཚོ་སྔོན་ཆད་ཡུག་ཧྥ་ལཱ་ཏིས་གཙང་བོའི་ནུབ་འགྲམ་གྱི་ཨ་ཧྥུའུ་ལིན་དང་། ཅེ་ལཱ་པུའུ་ལུའུ་སི། པཱ་པུའུ་བཅས་སུ་སོང་མྱོང་བ་དང་། ད་ལྟ་ང་ཚོ་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་དུ་འགྲོ་དགོས་ཟེར། 

ཁོས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་དོན་དེའི་ཐད་ནས་ཨ་མེ་རི་ཁ་དང་ཨུ་རུ་སི་བརྡ་བཏང་ཡོད་ཟེར། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་རྗེས། ཐུར་ཁེ་ཡིས་སི་རི་ཡཱ་ནས་སྤེལ་སྲིད་པའི་སྐོར་ཐེངས་གསར་བའི་དམག་དོན་འགུལ་སྐྱོད་རྗེས་སུ་སྣུར། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། ད་ལྟའི་བར་ཐུན་མོང་གི་ལྟ་ཚུལ་བྱུང་མེད། ཉེ་བའི་ཟླ་འདིའི་རིང་ལ་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཚོད་འཛིན་བྱེད་ས་དང་འདབས་འབྲེལ་དུ་ཡོད་པའི་ཐུར་ཁེའི་རྒྱལ་མཚམས་ས་ཁུལ་དུ་དམག་མི་ཁ་སྣོན་བྱས།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།