ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པས་སླར་ཡང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྐྱོབ་རོགས་བྱ་སྤྱོད་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ截图20190807105125.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ་7ཚེས་31ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་24གནམ་གྲུར་བསྡད་ནས་ཤིན་ཅང་དུ་འབྱོར་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཞག་སྡོད་བྱས་པ་རེད། དེ་རྗེས་ཀྱི་དུས་མཚམས་ཤིག་རིང་། ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པས་སྣེ་ཁྲིད་དེ་བཙུགས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བྱིས་པ་ནད་པ་ཚང་མར་གཟུགས་པོའི་གནས་ཚུལ་གཞིར་བཟུང་། གཤགས་བཅོས་ཇུས་གཞི་བཟོ་བ་དང་འབྲེལ་ལྷན་སྐྱེས་སྙིང་ནད་བཅོས་པའི་གཤགས་བཅོས་བྱེད་ཀྱི་རེད། འདི་ནི“ཕོ་ཉའི་འགྲུལ་བཞུད། ‘རྒྱུད་གཅིག་ལམ་གཅིག’གི་ནད་ཆེན་ཕོག་པའི་བྱིས་པའི་མི་ཆོས་སྐྱོབ་རོགས་འཆར་གཞིའི”ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་ཐེངས་གཉིས་པའི་བྱ་སྤྱོད་སྤེལ་རྗེས། ཀྲུང་གོར་་ སྲོག་སྐྱོབ་སྨན་བཅོས་དང་ལེན་བྱེད་པར་ཡོང་མཁན་ཕྲུ་གུ་ཁག་དང་པོ་རེད། འཆར་གཞི་གཞིར་བཟུང་། དུས་ཐེངས་གཉིས་པའི་བྱ་སྤྱོད་སྤེལ་རིང་། ཁག་ཐེངས་དབྱེ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནད་གཞི་ཕོག་པའི་བྱིས་པ་150སྐྱོབ་རོགས་བྱེད་རྒྱུ་དང་། ཁོ་ཚོ་ཁག་སོ་སོར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ངམ་ཡང་ན་སྨན་ཁང་གཞན་དག་ཏུ་རིན་མེད་སྲོག་སྐྱོབ་སྨན་བཅོས་བྱེད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།