ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་སྲིད་གཞུང་གིས“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”བཙུཌ་པ་ཡོངས་བསྒྲགས་བྱས་པར་རང་རྒྱལ་གྱི་མངའ་ཁོངས་ས་ཆའི་གནད་དོན་དང་འབྲེལ་བའི་གསར་འགོད་པའི་དྲི་བར་ལན་བཏབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་6ཉིན་རྒྱ་གར་སྲིད་གཞུང་གིས“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”བཙུགས་པ་ཡོངས་བསྒྲགས་བྱས་པས་རང་རྒྱལ་གྱི་མངའ་ཁོངས་ས་ཆའི་གནད་དོན་དང་འབྲེལ་བའི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གིས“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”བཙུགས་པ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་ཀྲུང་རྒྱའི་མཐའ་མཚམས་ཀྱི་ནུབ་རྒྱུད་མངའ་ཁོངས་ས་ཆ་དང་འབྲེལ་བ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

ཧྭ་ཁྲུན་ཡིང་གིས། རྒྱ་གར་ཕྱོགས་ཀྱིས་ཀྲུང་རྒྱའི་མཐའ་མཚམས་ས་ཁོངས་ཀྱི་ནུབ་རྒྱུད་དུ་གནས་པའི་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་ས་ཆ་རྒྱ་གར་གྱི་སྲིད་འཛིན་གྱི་དོ་དམ་ཁྱབ་ཁོངས་སུ་བཙུག་པར་ཀྲུང་གོ་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། ལངས་ཕྱོགས་དེ་ནི་སྲ་བརྟན་ཡིན་པས་སྔ་བར་ཕྱི་གསུམ་དུ་འགྱུར་ལྡོག་སྤུ་ཙམ་ཡང་མེད། ཉེ་ཆར་རྒྱ་གར་ཕྱོགས་ཀྱིས་ཕྱོགས་རྐྱང་པས་རྒྱལ་ནང་གི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་རྣམ་པར་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་ས་ཆའི་བདག་དབང་ལ་མུ་མཐུད་གནོད་འཚེ་གཏོང་བའི་བྱེད་སྟངས་དེ་ནི་དང་ལེན་གཏན་ནས་བྱེད་ཐབས་བྲལ་ལ་ནུས་པ་གང་ཡང་ཐོན་མི་སྲིད། ང་ཚོས་རྒྱ་གར་ཕྱོགས་ཀྱིས་མཐའ་མཚམས་ས་ཁོངས་ཀྱི་གནད་དོན་ཐད་གཏམ་སྤྱོད་གཟབ་ནན་སྤེལ་དགོས་པ་དང་། ཕྱོགས་གཉིས་དབར་བཞག་པའི་འབྲེལ་ཡོད་གྲོས་མཐུན་དང་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་མཐའ་མཚམས་ཀྱི་གནད་དོན་སྔར་བས་རྙོག་འཛིང་ཆེ་རུ་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུ་མེད་ཅེས་བརྗོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།