ཀྲུང་གོ་བོད་ཀྱི་དྲ་བ།

​ཐི་ལིང་ཕུའུ་ལ་ཡང་བསྐྱར་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།  ཟླ་བརྒྱད་པའི་ཚེས་དགུའི་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་ཕོ་བྲང་དཀར་པོ་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཁོ་ལ་ཚེས་བརྒྱད་ཉིན་ཡང་བསྐྱར་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ཞོར་དུ་ཁོ་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་དགོས་པའི་བསམ་ཚུལ་བསྟན་ཡོད། 
ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཤོག་ངོས་གསུམ་ཡོད་པའི་འཕྲིན་ཡིག་དེ་ནི་འཕྲིན་ཡིག་བཟང་བོ་ཞིག་ཡིན་བཟང་བོ་ཞིག་ཡིན་ཟེར། ཡིན་ཡང་ཁོས་བསྟན་དོན། ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ནང་དུ་མིག་སྔར་སྤེལ་བཞིན་པའི་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་མི་དགའ་བའི་ཚུལ་བསྟན་ཡོད་ཟེར། 
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་བལྟས་ན་མ་འོངས་པར་ཅིན་ཀྲིན་ཨིན་དང་ཡང་བསྐྱར་གྲོས་མོལ་བྱེད་དགོས་ཟེར་ཡང་། ཁོས་གྲོས་མོལ་བྱེད་པའི་དུས་ཚོད་དང་ས་གནས་གསལ་བོར་གླེང་མེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།