ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཏིའི་ཤར་ཕྱོགས་ས་ཁུལ་གྱི་རིགས་རྒྱུད་ཚོ་ཁག་བར་འཁྲུག་རྩོད་བྱུང་སྟེ་མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཀྲ་ཏིའི་ཙུང་ཐུང་ཏའེ་པུས་ཀྱིས་ཚེས་དགུའི་ཉིན་བཤད་རྒྱུར། ཀྲ་ཏིའི་ཤར་ཕྱོགས་ཀྱི་ཝ་ཏཱ་དབྱེ་ཞིང་ཆེན་དུ་ཉེ་སྔོན་བྱུང་བའི་རིགས་རྒྱུད་ཚོ་ཁག་བར་གྱི་འཁྲུག་རྩོད་ལས་མི་སོ་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཏའེ་པུས་ཀྱིས་བཤད་རྒྱུར། ལི་པུ་ཡཱ་སོགས་རྒྱལ་ཁབ་ནས་ཀྲ་ཏི་རུ་ལྐོག་འཚོང་བྱས་པའི་ཁྲིམས་འགལ་མཚོན་ཆ་ཇེ་མང་དུ་སོང་བ་ལས་རིགས་རྒྱུད་ཚོ་ཁག་བར་གྱི་འཁྲུག་རྩོད་ལས་ཤི་རྨས་ཚབས་ཆེན་བྱུང་བ་རེད། ཝ་ཏཱ་དབྱེ་ཞིང་ཆེན་དང་དེའི་ཉེ་འཁོར་གྱི་ཞི་ལཱ་ཞིང་ཆེན་དུ། ཁྲིམས་འགལ་མཚོན་ཆ་འཛིན་མཁན་གྱིས་ཐ་ན་སྲིད་གཞུང་གི་བདེ་འཇགས་མི་སྣར་འཇབ་རྒོལ་བྱེད་བཞིན་ཡོད་ཟེར། 

ཏའེ་པུས་ཀྱིས་བསྟན་དོན། སྲིད་གཞུང་གིས་འབྲེལ་ཡོད་བྱེད་ཐབས་སྤྱད་དེ་རིགས་རྒྱུད་ཚོ་ཁག་བར་གྱི་འགལ་བ་ཞི་འཇགས་སུ་གཏོང་བཞིན་ཡོད་པ་དང་། ཁྲིམས་འགལ་མཚོན་ཆའི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།