ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་གྱི་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱོགས་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོའི་མགོ་ཁྲིད་པ་ལིག་ཧི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ལའེ་ཐི་ཞེ་ཙེ་དང་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་གཉིས་ལ་ཁ་པར་བཏང་། 

ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཟླ་དགུ་བའི་ཚེས་གཅིག་ཉིན་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཨ་མེ་རི་ཁའི་ཚོང་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱེད་པའི་གནད་དོན་ཐད་ནས་རྒོལ་གཏམ་དྲག་པོ་བཏང་། ཕྱོགས་གཉིས་ཀྱིས་མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་ཡང་བསྐྱར་ཁ་པར་གྲོས་མོལ་བྱེད་རྒྱུ་ཐག་བཅད། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཀྲུང་ཧྲན་དང་ཀྲུང་གོའི་མི་དམངས་དངུལ་ཁང་གི་མགོ་བ་དབྱེ་ཀང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉིང་ཅི་ཀྲི་སོགས་ཁ་པར་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།