ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པ་ཝེའི་ཙུང་ཐུང་གིས་རྒྱལ་དམངས་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙེམ་པ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་ས་ཧཱ་ལཱ་ལོས་ནས་བཤད་རྒྱུར། རྒྱལ་ཁབ་འབྲུ་རིགས་ཧ་ཅང་དཀོན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད་ཀྱང་། སྲིད་གཞུང་གིས་མང་ཚོགས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། སྲིད་གཞུང་གིས་མུ་མཐུད་དུ་རུལ་སུངས་ལ་ཆམ་ཕབ་བཏང་སྟེ། བཅོས་བསྒྱུར་སོགས་བྱེད་ཐབས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

མུའུ་ནན་ཅཱ་ཀུའུ་ཝ་ཉིན་དེར་ཧཱ་ལཱ་ལོས་ནས་སྤེལ་བའི་དཔའ་བོའི་ཉིན་མོའི་རྗེས་དྲན་བྱ་འགུལ་སྟེང་བཤད་རྒྱུར། ཐལ་དྲགས་པའི་ཐན་སྐམ་ནམ་ཟླ་དང་ཚ་ཁུལ་གྱི་དྲག་རླུང་གི་ཤུགས་རྐྱེན་ལས། ཙེམ་པབ་ཝེའི་མང་ཚོགས་དག་འབྲུ་རིགས་དཀོན་པའི་གནད་དོན་མང་བོར་འཕྲད་ཡོད། ཡིན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་འོག སྲིད་གཞུང་གིས་རྒྱལ་དམངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་ཏེ། མི་གཅིག་ཀྱང་ལྟོགས་སྐོམ་དབང་གིས་རྐྱེན་ལམ་དུ་མི་ཤོར་བར་ཁག་ཐེག་ཐུབ་པའི་ཡིད་ཆེས་ཡོད་ཟེར། 

ཁོས་བསྟན་དོན། སྲིད་གཞུང་གི་མུ་མཐུད་དུ་རུལ་སུངས་ལ་ཆམ་ཕབ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེས་ཙེམ་པབ་ཝེའི་དཔལ་འབྱོར་གྱི་དཀའ་ཁག་གི་གནས་བབ་བསྒྱུར་བར་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་ཐུབ་ཟེར། 

མུའུ་ནན་ཅཱ་ཀུའུ་ཝ་ཡིས་ད་རུང་བཤད་རྒྱུར། སྲིད་གཞུང་གིས་བཅོས་བསྒྱུར་སོགས་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དར་རྒྱས་སུ་གཏོང་རྒྱུ་ཡིན། མིག་སྔར་ཙེམ་པབ་ཝེ་ཡིས་དཔལ་འབྱོར་བཅོས་བསྒྱུར་སྤེལ་བ་ནི་དཀའ་སྡུག་གི་ལས་ཤིག་ཡིན་ཡང་ངེས་པ་དུ་སྤེལ་དགོས་པ་ཞིག་ཡིན། དེས་དཔལ་འབྱོར་མྱུར་མོར་སླར་གསོ་བྱས་ཏེ་འཕེལ་རྒྱས་ཀྱི་བགྲོད་ལམ་བཟང་བོར་ཁྲིད་པར་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།