ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིང་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཐེངས་དགུ་བ་དེ་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་ནས་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་ཡིན་ལ། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གྲོས་ཚོགས་ལ་ཞུགས་རྒྱུ་རེད། ཕྱོགས་གསུམ་གྱིས་ཐེངས་བརྒྱད་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པ་དང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས། དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།