ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཧན་གོའི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་གཉེར་གྱི་མཐོ་རིམ་གླེང་སྟེགས་དེ་ཧན་གོར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཀྲུང་གོ་དང་ཧན་གོའི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་གཉེར་གྱི་མཐོ་རིམ་གླེང་སྟེགས་དང་སྐབས་དགུ་བའི་ཧན་གོའི་དངོས་ཟོང་དཔྱད་འདེམ་བྱ་འགུལ་ཉེ་སྔོན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་སྤེལ་བ་དང་། བྱ་འགུལ་ལ་ཞུགས་པའི་སྤྱིའི་མི་གྲངས་ཁྲི་གཅིག་ལྷག་ལ་བསླེབ་ཡོད། 

ཧན་གོའི་རྒྱལ་ཚོགས་ཐོན་ལས་ཚོང་འགྲུལ་ཐོན་ཁུངས་ཉེན་ཁ་ཡོད་པའི་ཁེ་ལས་ཆུང་འབྲིང་ལས་དོན་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཀྲང་ཧོང་རི་ཧྲའོ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ། ཁོས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། མཉམ་ལས་རྣམ་པའི་ཁྱད་ཆོས་གསར་བ་ཆགས་ཡོད། ཧན་གོ་དང་ཀྲུང་གོ་གཉིས་ཀྱིས་མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་གཉེར་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་ཟེར། 

གླེང་སྟེགས་གཙོ་སྒྲུབ་བྱེད་མཁན། ཧན་གོའི་མེད་ཧྲིག་མནའ་འབྲེལ་གྱི་སྲོལ་འབྱེད་མཁན་ཀྲའོ་ཡན་ཧྲན་གྱིས་བསྟན་དོན། མུ་མཐུད་དུ་མཉམ་ལས་གཉིས་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་གཉེར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་བརྒལ་བའི་གློག་རྡུལ་ཚོང་གཉེར་གྱི་སྐྱེ་ཁམས་ར་བ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར། 

ཐེངས་འདི་གླེང་སྟེགས་སྟེང་། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་གཉེ་བ་དང་། ཐད་གཏོང་སོགས་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གྲོས་གཞིར་དམིགས་ཏེ། གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་མང་བོས་སེམས་འདུན་ལྷུག་པོར་བརྗོད་པ་དང་། དབྱེ་ཞིབ་དང་གྲོས་བསྡུར་ཟབ་མོ་བྱས་ཏེ། ཀྲུང་གོ་དང་ཧན་གོའི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱེད་པར་གྲོས་གཞི་བཟང་བོ་འདོན་སྤྲོད་བྱས་པར་མ་ཟད། ལས་རིགས་ཀྱི་བརྗེ་རེས་ཐད་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།