ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་རྣམ་པ་གསར་བའི་མཚོན་ཆའི་གཏོང་འཕེན་ལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཡང་བསྐྱར་རྣམ་པ་གསར་བའི་མཚོན་ཆའི་ཚོད་ལྟའི་གཏོང་འཕེན་ལ་མཛུབ་སྟོན་བྱས་ཟེར། 

བསྒྲགས་པའི་གནས་ཚུལ་ལས་མཚོན་ཆ་དེའི་བྱེ་བྲག་གི་མིང་དང་རིགས་སྣ་སོགས་གསལ་བོར་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་བསྟན་དོན། ཁྲའོ་ཞན་ལ་སྟོབས་དང་ལྡན་པའི་རྒྱལ་སྲུང་སྟོབས་ཤུགས་མཁོ་བ་དང་། དེས་བློ་གཏོད་རུང་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས། མུ་མཐུད་དུ་མི་སུས་ཀྱང་གནོད་པ་བཟོ་མི་ཐུབ་པའི་འགྲན་ཡ་མེད་པའི་དམག་དོན་སྟོབས་ཤུགས་ལྡན་པར་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྲུང་འཛུགས་སྐྲུན་གྱི་དམིགས་འབེན་ཡིན་ཟེར། 

དེའི་སྔོན་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་ཉིན་རྣམ་པ་གསར་བའི་མཚོན་ཆའི་གཏོང་འཕེན་ལ་མཛུབ་སྟོན་བྱས་པ་རེད། ཟླ་བདུན་པའི་ཟླ་སྨད་ཀྱི་ཚུན་ལ། ཁྲའོ་ཞན་གྱིས་ཐེངས་མང་བོར་གཏོང་འཕེན་ཚོད་ལྟའི་བྱ་འགུལ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།