ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་མི་སྣས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ནམ་གུང་ལྷོ་ཕྱོགས་ས་ཁུལ་ནས་ན་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམགད་པུང་གི་བཀོད་འདོམ་དཔོན་པོ་ལཱ་ཅེ་ཡིས་བཤད་རྒྱུར། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་སྲིད་གཞུང་དམག་དཔུང་གི་ཞེ་པེ་ལེ་ཞོལ་མ་ཀྲིག་གི་པཱ་ལི་ལོས་གྲོང་རྡལ་གྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་ཕྱིར་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ནམ་གུང་འཁྲུག་རྩོད་བྱེད་པའི་མེ་མདའི་སྒྲ་དྲག་པོ་ཐོས་ཐུབ་པ་དང་། ཞོགས་པར་དམག་དོན་རྟེན་གཞིའི་ཉེ་འདབས་ཀྱི་སྲང་ལམ་དུ་བེམ་པོ་མི་ཉུང་བ་མཐོང་ཐུབ་ཟེར། 

ཉེ་སྔོན་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་ཐེངས་མང་བོར་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་ཞེ་པེ་ལེ་ཞོལ་མ་ཀྲིག་གི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས། ཉིན་འགའི་སྔོན། ན་གཞོན་ཏང་གི་དྲག་ཆས་པས་ཨོ་ཏའེ་ཀི་ལའེ་གྲོང་རྡལ་གྱི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་བྱས་ཏེ་རྟེན་གཞི་དེ་བཙན་བཟུང་བྱེད་རྩིས་བྱས་ཀྱང་སྲིད་གཞུང་དམག་དཔུང་གིས་ཕམ་ཉེས་སུ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།