ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོའི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་དམག་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུ་ཁི་ནཱ་ཧྥ་སོའི་དམག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། པུ་ཁི་ནཱ་ཧྥ་སོ་བྱང་ཕྱོགས་ཀྱི་སུའུ་མུའུ་ཞིང་ཆེན་གྱི་དམག་སྒར་ཞིག་ལ་ཉིན་དེའི་ཞོགས་པར་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

གཞན་ཡང་པུ་ཁི་ནཱ་ཧྥ་སོའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། པུ་ཁི་ནཱ་ཧྥ་སོའི་དམག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཉིན་དེར་དྲག་ཆས་ཉེས་ཅན་གྱི་པུ་ཁི་ནཱ་ཧྥ་སོ་དང་མཱ་ལིའི་མཐའ་མཚམས་ཀྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་བཞི་བཅུ་བསད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།