ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་རྒྱལ་ས་ཁེ་རོའི་ལྷོ་ནུབ་ཕྱོགས་ཀྱི་བྱེ་ཐང་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་ལ་གསང་འཕྲིན་འབྱོར་ཏེ། དྲག་ཆས་ཉེས་ཅན་སྐོར་ཞིག་རྒྱལ་ས་ཁེ་རོའི་ལྷོ་ནུབ་ཕྱོགས་ཀྱི་བྱེ་ཐང་དུ་སྦས་སྐོང་བྱས་ཡོད་པ་ཤེས། བདེ་འཇགས་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། འགུལ་སྐྱོད་སྤེལ་སྐབས་བདེ་འཇགས་དམག་དཔུང་གིས་ད་རུང་མེ་མདའ་དང་འགད་རྫས་སྐོར་ཞིག་གཞུང་བཞེས་བྱས་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ཛ་དྲག་ཡིན་པ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཐེངས་མང་བོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་བརྒྱ་ཕྲག་ལྷག་བསད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།