ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཟླ་དགུ་བའི་ཟླ་སྨད་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་དང་པོ་ཚོས་ཧྲན་ཅི་ཡིས་ཉིན་དེར་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་དགུ་བའི་ཟླ་སྨད་དུ་ཨ་མེ་རི་ཁ་དང་མཉམ་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་སྤེལ་འདོད་ཡོད་ཟེར། 

ཚོས་ཧྲན་ཅི་ཡིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་བར་གྲོས་མོལ་བྱེད་པའི་འགན་ཁུར་བའི་ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་ཀྱིས་ཉེ་སྔོན་ཐེངས་མང་བོར་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན་ཡོད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་དགུ་བའི་ཟླ་སྨད་དུ་ཨ་མེ་རི་ཁའི་བར་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་པའི་དུས་ཚོད་དང་ས་གནས་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ཚོས་ཧྲན་ཅི་ཡིས་བསྟན་དོན། ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ད་ལོའི་ཟླ་བཞི་བར་སྲིད་སྐྱོང་གཏམ་བཤད་སྤེལ་སྐབས། ཨ་མེ་རི་ཁས་མིག་སྔའི་བརྩི་ཐབས་བསྐྱུར་ནས། ཁྲའོ་ཞན་ལ་རྣམ་འགྱུར་གསར་བ་འཛིན་དགོས་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ད་ལོའི་ལོ་མཇུག་བར་དུ་ཨ་མེ་རི་ཁས་ཆོད་དོན་སྤེལ་སྒུག་ངེས་ཡིན་ཟེར། 

ཚོས་ཧྲན་ཅི་ཡིས་བཤད་རྒྱུར། ཁོ་མོས་ཨ་མེ་རི་ཁའི་སྐབས་ཐོག་དེར་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་ཞིང་། ཁྲའོ་ཞན་གྱིས་དང་ལེན་ཐུབ་པའི་ཇུས་གཞི་ཞིག་འདོན་སྲིད་པར་ཡིད་ཆེས་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་སྐོར་ཐེངས་གསར་བའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ཁྲོད་རྙིང་བ་མཁྲེགས་འཛིན་བྱས་ཏེ་ཇུས་གཞི་གསར་བ་མ་བཏོན་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་འདྲིས་མཇུག་སྒྲིལ་ཡང་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།