ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་གྲོས་ཁང་གིས་ཚེས་དགུ་ཉིན་གྱི་དགོང་མོ་ནས་བཟུང་ངལ་གསོ་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་ཚེས་དགུའི་ཉིན་བསྟན་དོན། དབྱིན་ཇིའི་གྲོས་ཁང་གིས་ཉིན་དེའི་དགོང་མོར་གྲོས་རིམ་མཇུག་སྒྲིལ་རྗེས་ཟླ་བཅུ་བའི་ཚེས་བཅུ་བཞིའི་བར་ངལ་གསོ་བྱེད་རྒྱུ་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། དབྱིན་ཇིའི་གྲོས་ཁང་གིས་ཉིན་དེར་སྲིད་གཞུང་གིས་ཐེངས་གཉིས་པར་བཏོན་པའི་འདེམ་བསྐོ་ཆེན་མོའི་སྐུལ་སློང་གྲོས་གཞིར་འདེམ་ཤོག་འཕངས་པ་རེད། བཟོ་བའི་ཏང་དང་བཅས་པའི་ངོ་རྒོལ་ཏང་ཁག་གིས་བསྟན་དོན། ཁོ་ཚོས་སྐུལ་སློང་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་མི་སྲིད་པ་དང་། དབྱིན་ཇི་གྲོས་མཐུན་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་བཞིའི་ཉིན་གྲོས་ཁང་ལ་སྐུལ་སློང་གྲོས་གཞི་བཏོན་ནས། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བའི་རེ་བ་བཏོན་ཡང་དེར་གྲོས་འཆམ་མ་བྱུང་། 

ཡའོ་ཧན་ཞོན་གྱིས་ཉིན་དེར་ཨིར་ལན་དུ་འཚམས་འདྲི་བྱས་པར་མ་ཟད། ཨིར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བ་དང་། ཁྱད་པར་དུ་ཨིར་ལན་གྱི་རྒྱལ་མཚམས་གནད་དོན་དང་འབྲེལ་བའི་བཀོད་སྒྲིག་ཐད་ནས་གྲོས་བསྡུར་བྱས། 

ཉིན་དེར་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཡའོ་ཧན་ཞོན་གྱིས་བསྟན་དོན། གྲོས་མཐུན་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་ནི་ཕམ་ཁ་ཆེན་མོ་ཞིག་ཡིན་ཞིང་། དབྱིན་ཇི་དང་ཨིར་ལན་སྲིད་གཞུང་གིས་དོན་དེར་འགན་ཁུར་དགོས་ཀྱང་། ཁོས་ད་ལོའི་ཟླ་བཅུ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱི་སྔོན་ལ། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མཐུན་འགོད་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།