ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་བར་བརྒལ་སྲིད་གཞུང་གི་ནེ་ཀིའི་ཁོངས་མི་བཅོ་བརྒྱད་ཀྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་བར་བརྒལ་སྲིད་གཞུང་གི་ནེ་ཀིའི་ཁོངས་མི་བཅོ་བརྒྱད་ཀྱིས་ཚེས་བརྒྱད་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཉིན་དེར་ནེ་ཀིའི་ཁོངས་མི་བཅོ་བརྒྱད་ཀྱིས་སུའུ་ཏན་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱི་མདུན་ནས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཐེངས་འདིའི་དམ་བཅའ་བཞག་ནས་ལས་འགན་ཁུར་བའི་མཛད་སྒོར་ཞུགས། མཛད་སྒོའི་རྗེས་སུ་ནེ་ཀི་དང་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མཉམ་འབྲེལ་གྲོས་ཚོགས་བསྡུས། 

སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ཚེས་ལྔ་ཉིན་ཁཱ་ཐུའུ་མུའུ་ནས་བར་བརྒལ་སྲིད་གཞུང་གི་ནེ་ཀི་རྩ་འཛུགས་བྱས་པ་ཁྱབ་སྒྲོག་བྱས། དེའི་ནང་བུད་མེད་པུའུ་ཀྲང་བཞི་འདུས། ཧཱ་མུའུ་ཏུའུ་ཁི་ཡིས་བསྟན་དོན། སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་ཞི་བདེ་མངོན་འགྱུར་བྱས་ཏེ་འཐབ་འཁྲུག་མཇུག་སྒྲིལ་བ་དང་། དཔལ་འབྱོར་བཅོས་བསྒྱུར་བྱས་ཏེ་སུའུ་ཏན་གྱི་ཁེ་ཕན་དང་འཚམ་པའི་ཕྱི་འབྲེལ་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།