དབྱི་རག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་སོ་གཅིག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུའི་ཉིན་བཤད་རྒྱུར། དབྱི་རག་ལྷོ་ཕྱོགས་ཀྱི་ཁཱ་ཨར་པཱ་ལཱ་གྲོང་ཁྱེར་ནས་ཉིན་དེར་ཨ་ཧྲུའུ་ལཱ་དུས་ཆེན་གྱི་རྗེས་དྲན་བྱ་འགུལ་སྤེལ་སྐབས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། མི་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཙམ་ལ་རྨས་ཕོག དེའི་ནང་མི་བཅུའི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད། 

ཁཱ་ཨར་པཱ་ལཱ་ནི་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་གྲོང་ཁྱེར་གཙོ་བོ་ཞིག་ཡིན་པ་དང་། ཉིན་དེར་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་སྟོང་ཕྲག་འགའ་ཁཱ་ཨར་པཱ་ལཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཧི་སེ་ཡུན་དབྱི་སི་ལན་ཆོས་ཁང་དུ་འདུས་ཏེ། དབྱི་སི་ལན་ཆོས་ཁང་གི་སྒོ་ཁ་ནས་རྡོག་བརྫིས་དོན་རྐྱེན་ཚབས་ཆེན་བྱུང་བ་རེད། 

ཨ་ཧྲུའུ་ལཱ་དུས་ཆེན་ནི་དབྱི་རག་གི་ཆོས་ལུགས་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། ཉིན་དེར་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་མང་བོ་ཁཱ་ཨར་པཱ་ལཱ་ཡི་ཧི་སེ་ཡུན་དབྱི་སི་ལན་ཆོས་ཁང་དུ་སོང་ནས་རྗེས་དྲན་བྱ་འགུལ་ལ་ཞུགས་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།