ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱི་ལས་འགན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཁོའི་རེ་བ་ལྟར་ལས་འགན་བསྐྱུར་ཡོད་ཟེར། པའོ་ཨར་ཏོན་ནི་ཐི་ལིང་ཕུའུ་ཡི་འགན་ཡུན་ནང་ལས་འགན་བསྐྱུར་དུ་བཅུག་པའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་གསུམ་པ་རེད། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཁོས་ཚེས་དགུ་ཉིན་པའོ་ཨར་ཏོན་ལ་ཕོ་བྲང་དཀར་པོར་ཁོའི་ཞབས་འདེགས་ཞུ་མི་དགོས་པའི་བརྡ་བཏང་བ་དང་། པའོ་ཨར་ཏོན་གྱིས་ཚེས་བཅུ་ཉིན་གྱི་སྔ་དྲོར་ལས་ཁུར་དགོངས་ཞུའི་ཡི་གེ་སྤྲད་པ་རེད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་རང་སྲིད་གཞུང་གི་ཁོངས་མི་གཞན་པ་དང་འདྲ་བར་པའོ་ཨར་ཏོན་གྱི་གྲོས་གཞི་མང་བོར་ཡིད་འཐད་མིན་ཟེར། ཁོས་ཞོར་དུ་པའོ་ཨར་ཏོན་གྱིས་ཞབས་འདེགས་ཞུས་པར་བཀའ་དྲིན་ཞུས། 

ཐི་ལིང་ཕུའུ་ཡིས་བསྟན་དོན། ཁོས་གཟའ་འཁོར་རྗེས་མར་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་གསར་བའི་འདེམ་སྒུག་མི་སྣ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།