ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ནུབ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཡཱ་ལོ་སི་ལཱ་ཧྥུའུ་ཨར་ཀྲིག་ནས་ཚེས་བཅུ་བཞིའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བརྒྱད་ལ་རྨས་ཕོག་ཟེར། 

ཡཱ་ལོ་སི་ལཱ་ཧྥུའུ་ཨར་ཀྲིག་གི་ནང་སྲིད་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོར། འགྲུལ་སྐྱེལ་རླངས་འཁོར་གཅིག་དང་དངོས་སྐྱེལ་རླངས་འཁོར་གཅིག་ཀྲིག་དེའི་གཞུང་ལམ་ཞིག་གི་སྟེང་ཐོ་བརྒྱབ་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་བརྒྱད་ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་རྗེས། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

གཞན་ཡང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་འགྲུལ་སྐྱེལ་རླངས་འཁོར་སྟེང་བསྡོམས་པས་མི་སོ་དྲུག་ཡོད་ལ། དངོས་སྐྱེལ་རླངས་འཁོར་སྟེང་དུ་ཁ་ལོ་བ་གཅིག་པུ་ལས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།