ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་གིས་འདེམ་བསྐོའི་རྗེས་སུ་ཐཱ་ལེ་པན་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་བཞིའི་ཉིན་བདེན་དཔང་བྱས་དོན། ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་མཇུག་སྒྲིལ་རྗེས། སྲིད་གཞུང་གིས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་གྲོས་མོལ་བྱེད་པར་བསམ་བློ་གཏོང་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་བཤད་རྒྱུར། ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་ལ་བར་ཆད་ཅི་ཡང་འབྱུང་མི་སྲིད། འདེམ་བསྐོ་མེད་ན་ཁྲིམས་མཐུན་གྱི་ཞི་བདེ་མངོན་འགྱུར་བྱེད་ཐབས་མེད་ཟེར། 

ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་དེ་ཨ་མེ་རི་ཁའི་གཟུགས་བརྙན་ཙམ་དུ་མཐོང་ཡོད་པས། ཨ་མེ་རི་ཁའི་བར་གྲོས་མོལ་བྱས་ཀྱང་སྲིད་གཞུང་བར་གྲོས་མོལ་བྱེད་པར་ཁས་ལེན་བྱས་མེད། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དེའི་སྔོན་གལ་ཏེ་ཐཱ་ལེ་པན་བར་གྲོས་མཐུན་བཀོད་ན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ལ་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་དགོས་པའི་རེ་བ་འདོན་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བདུན་ཉིན་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མོལ་མཚམས་འཇོག་ཏུ་བཅུག་པ་རེད། 

ཞི་ཏིས་ཅི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ད་ལྟའི་བར་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མོལ་ཁྲོད་ནུས་པ་འདོན་སྤེལ་བྱས་མེད་པ་དང་། ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་མཇུག་སྒྲིལ་རྗེས། ཞི་བདེའི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་པར་ཡར་སྐུལ་གཏོང་རྒྱུ་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཐོག་མའི་ལས་འགན་ཡིན་ཟེར། ཁོས་ཐཱ་ལེ་པན་གྱིས་གྲོས་མོལ་ཚན་ཆུང་ཨུ་རུ་སི་རུ་མངག་གཏོང་བྱས་པའི་གནད་དོན་གླེང་བ་དང་། ཐཱ་ལེ་པན་ལ་ཆབ་སྲིད་ཕམ་ཉེས་འབྱུང་སྲིད་པར་འདོད། 

ཙུང་ཐུང་གི་མགྲིན་ཚབ་པ་དེས་གསར་འགོད་པར་བཤད་རྒྱུར། འདེམ་བསྐོའི་སྔོན་ལ་རྒྱལ་ཡོངས་ཀྱི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་ཆེད། ཨ་ཧྥུའུ་ཧན་གྱིས་བྱེད་ཐབས་ཆེན་པོ་སྤྱོད་སྲིད་པར་བཤད་ཀྱང་། ཁོས་བྱེ་བྲག་གི་ནང་དོན་གསལ་བོར་བརྗོད་མེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།