ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཐུར་ཁེ་བརྒྱུད་དེ་ཡོ་རོབ་གླིང་དུ་རང་བྱུང་སོལ་རླངས་བརྒྱུད་འདྲེན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་རང་བྱུང་སོལ་རླངས་ཕྱིར་འདྲེན་བྱེད་པའི་ལས་གཞིའི་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

དབྱི་ལིང་རྒྱལ་ཁབ་ཀྱི་རང་བྱུང་སོལ་རླངས་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་མིན་ཐཱ་ཙེ་ཐའོ་ཨར་པཱ་ཏིས་ཀྱིས་བཤད་རྒྱུར། དབྱི་ལིང་གིས་ཐུར་ཁེའི་མངའ་ཁོངས་བརྒྱུད་པའི་སྦུག་ལམ་ལས་རྒྱལ་ཁབ་རང་གི་རང་བྱུང་སོལ་རླངས་དེ་ཡོ་རོབ་གླིང་དུ་བརྒྱུད་འདྲེན་བྱེད་པའི་འཆར་གཞི་ཡོད་ཟེར། 

མིན་ཐཱ་ཙེ་ཐའོ་ཨར་པཱ་ཏིས་ཀྱིས་བཤད་རྒྱུར། མིག་སྔར་ལས་གཞི་དེའི་དབྱི་ལིང་མངའ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། ཡོ་རོབ་གླིང་གི་འབྲེལ་ཡོད་ཀུང་ཟིའི་བར་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ན། ཞི་ལཱ་ནི་དབྱི་ལིང་གི་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་པའི་ས་ཁུལ་སྐོར་དང་པོར་འགྱུར་ངེས་རེད་ཟེར། 

ཁོས་ད་རུང་བཤད་རྒྱུར། དབྱི་ལིང་གིས་ད་རུང་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་དང་མཚོ་ནག་མཚོ་ཞབས་ཀྱི་སྦུག་ལམ་བརྒྱུད་དེ་ཡོ་རོབ་གླིང་དུ་རང་བྱུང་སོལ་རླངས་བརྒྱུད་འདྲེན་བྱེད་པར་ཡང་བསམ་བློ་གཏོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།