ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ཀྱི་འཇབ་རྒོལ་ནང་ཞུགས་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡི་དབྱི་ལིང་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ཀྱི་འཇབ་རྒོལ་ནང་ཞུགས་པའི་སྐོར་གྱི་བརྗོད་ཚུལ་དེ་ཁས་ལེན་མ་བྱས་པ་དང་། ཨ་མེ་རི་ཁས་དབྱི་ལིང་བར་ཚད་འདས་དང་ཐད་ཀར་དུ་ངོ་རྒོལ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པའི་ཚུལ་བསྟན། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཚད་བརྒལ་གནོན་ཤུགས་སྟེར་བར་ཕམ་ཉེས་བྱུང་རྗེས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཚད་བརྒལ་དང་ཐད་ཀར་གྱིས་དབྱི་ལིང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་ཚབ་བྱེད་པར་ཡེ་མིན་གྱི་ཆམ་ཕབ་ཐེབས་པ་དང་། ཁོ་ཚོས་མཚོན་ཆ་དང་སྒྲིག་ཆས་ཀྱི་ཁྱད་སྟོབས་ལས་མཇུག་མཐའི་དམག་དོན་རྒྱལ་ཁ་ཐོབ་ཐུབ་པའི་སྟོང་བསམ་བཅངས་ཡོད་ཟེར། ཀྲ་ལི་ཧྥུའུ་ཡིས་བསྟན་དོན། དབྱི་ལིང་ལ་སྐྱོན་འཛུགས་བྱས་པ་ལས་ཐེངས་འདིའི་གནོད་འཚེ་མཇུག་སྒྲིལ་ཐབས་མེད་ཟེར། 

ཕིན་ཕའེ་ཨོ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། དབྱི་ལིང་གིས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པར་ཇུས་འགོད་བྱས་པར་སྐྱོན་འཛུགས་བྱས།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།