ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱི་མི་སྣས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར། 

སོ་མཱ་ལིའི་ཀྲུའུ་པཱ་ལན་ས་གནས་དྲག་ཆས་པའི་མགྲིན་ཚབ་པ་ཧི་སེ་ཡུན་གྱིས་གསར་འགོད་པར་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ཀྲུའུ་པཱ་ལན་ས་གནས་དྲག་ཆས་པས་ཚེས་བཅུ་བདུན་ཉིན་ལྷོ་ཕྱོགས་ཀྱི་ཅཱ་མཱ་མེ་གྲོང་རྡལ་གྱི་སྡེ་བ་འགའ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་དམིགས་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་བཅུ་གསུམ་བསད་པ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་པར་མ་ཟད། དྲག་ཆས་རྩ་འཛུགས་དེ་གྲོང་རྡལ་དེ་ནས་མཐར་སྐྲོད་བཏང་ཟེར། གཞན་ཡང་དམག་མི་གསུམ་ལ་འགུལ་སྐྱོད་སྤེལ་སྐབས་རྨས་ཕོག་ཡོད། 

ས་དེའི་སྡོད་དམངས་ཤིག་གིས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ན་གཞོན་ཏང་ཞེས་པའི་དྲག་ཆས་པས་འཁྲུག་རྩོད་དྲག་པོ་བྱས་པ་དང་། མིག་སྔར་སྲིད་གཞུང་དམག་དཔུང་གིས་གྲོང་རྡལ་དེ་བདག་ཏུ་བཟུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།