ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་ནས་མི་སེར་དཀྱུས་མ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དུ་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་སྤེལ་ཏེ། མི་སེར་དཀྱུས་མ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨ་ཐཱ་ཨར་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཧའོ་ཅི་ཡཱ་ནེ་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་དོགས་གཞི་ཡོད་པའི་གནས་སུ་མི་བསྡད་མེད་པའི་གནམ་གྲུས་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་དྲུག་ལ་རྨས་ཕོག་ཟེར། ཨ་ཐཱ་ཨར་གྱིས་བཤད་རྒྱུར། བར་སྣང་འཇབ་རྒོལ་བྱུང་སྐབས་མི་སེར་དཀྱུས་མ་དེ་དག་གིས་རི་ཁུལ་དུ་ཐང་འབྲས་བསྡུ་བཞིན་ཡོད་པ་རེད་ཟེར། 

ཨ་ཐཱ་ཨར་གྱིས་བསྟན་དོན། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། བྱེ་བྲག་གི་ནང་དོན་དེ་རྟོག་ཞིབ་མཇུག་སྒྲིལ་རྗེས་སྨྱན་བྱད་ལ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།