མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བུའུ་ཁི་ལན་དང་ཨུ་རུ་སིའི་འབྲེལ་བ་དེ་བུའུ་ཁི་ལན་དང་ཡོ་རོབ་གླིང་གི་འབྲེལ་བ་ལྟར་གལ་འགངས་ཆེ་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཀྲ་ལཱ་ཡིས་སྤྱི་ཟླ1པོའི་ཚེས29ཡི་ཉིན་བསྟན་དོན། བུའུ་ཁི་ལན་རྒྱལ་ཁབ་ལ་མཚོན་ན། ཨུ་རུ་སིའི་བར་གྱི་འབྲེལ་བ་དེ་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་ལྟར་གལ་འགངས་ཆེ་ཟེར།

ཁི་ཀྲ་ལཱ་ཡིས་ཉིན་དེར་ཅི་ཧྥུའུ་ནས་ཡོ་རོབ་གླིང་ཚོང་ལས་མཐུན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་གཞི་གཅིག་ཏུ་འགྱུར་བ་ནི་བུའུ་ཁི་ལན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པ་དང་། འཕེལ་རིམ་དེ་བུའུ་ཁི་ལན་ཕྱོགས་ཡོ་རོབ་གླིང་གི་བཅའ་ཁྲིམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཚད་གཞི་དང་མཐུན་པོ་ཡོང་བར་ཕན་པ་ཡོད་ལ། ཞོར་དུ་ད་རུང་བུའུ་ཁི་ལན་གྱིས་ཨུ་རུ་སི་རང་གི་འཐབ་ཇུས་གྲོགས་པོར་བྱེད་རྒྱུ་ཡིན་ཟེར།

ཁོས་བསྟན་དོན། ཨུ་རུ་སིའི་བར་གྱི་ཉོ་ཚོང་འབྲེལ་བ་དེ་བུའུ་ཁི་ལན་ལ་མཚོན་ན་ས་བརྗོད་ན་ཧ་ཅང་གལ་ཆེན་ཡིན་པ་དང་། ན་ནིང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ཨ་མེ་རི་ཁའི་སྒོར་མོ་ཐེར་ཆེན5དང་ཐེར་འབུམ7ལ་བསླེབས་ཡོད་ལ། དེ་ལས་བུའུ་ཁི་ལན་དང་ཨུ་རུ་སིའི་འབྲེལ་བ་གལ་ཆེན་ཡིན་པ་མཚོན་ཐུབ་ཟེར།

ཁི་ཀྲ་ལཱ་ཡིས་བཤད་རྒྱུར། བུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་འདོད་ཡོད་པ་དང་། ཞོར་དུ་ད་རུང་སྒོ་ཁྲལ་མནའ་མཐུན་བར་གྱི་མཉམ་ལས་སྲུང་འཛིན་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག