མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ལི་ཡིས་བལྟས་ན་མཱ་ལིའི་འཐབ་འཁྲུག་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ལི་ཨེ་ལོ་ཡིས་སྤྱི་ཟླ1པོའི་ཚེས29ཉིན་བཤད་རྒྱུར། མཱ་ལིའི་འཐབ་འཁྲུག་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཀྱང་དེའི་དབང་གིས་ང་རྒྱལ་སྐྱེས་མི་རུང་། རྒྱུ་མཚན་ནི་འཇིགས་སྐུལ་ཚོགས་ཁག་གིས་སྔར་བཞིན་དཀྲུགས་འཕེན་བྱ་འགུལ་སྤེལ་སྲིད་པས་ཡིན་ཟེར།

ཨེ་ལོ་ཡིས་ཉིན་དེར་སྲིད་ཏང་སོ་སོའི་གྲོས་ཁང་གོང་འོག་གི་མགོ་ཁྲིད་པ་གཙོ་བོ་དག་དང་མཉམ་དུ་མཱ་ལིའི་གནད་དོན་ཐད་ནས་གྲོས་ཚོགས་བསྡུས། རྒྱལ་སྲུང་པུའུ་ཀྲང་ལེ་ཏི་ལི་ཨང་ཡང་གྲོས་ཚོགས་ལ་ཞུགས། དེ་ནི་ཟླ་འདིའི་ཚེས11ཉིན་ཧྥ་རན་སི་རྒྱལ་ཁབ་ཀྱིས་མཱ་ལི་རནས་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་གྱི་རིགས་དེ་མཚུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་རེད། གྲོས་ཚོགས་གྲོལ་རྗེས་ཨེ་ལོ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཱ་ལི་ནས་འཇིགས་སྐུལ་ཚོགས་ཁག་གི་སྟོབས་ཤུགས་ལ་བཀག་འགོག་བྱས་པ་དང་། ཧྥ་རན་སིའི་དམག་དཔུང་གི་རྒྱབ་སྐྱོར་འོག མཱ་ལིའི་སྲིད་གཞུང་དམག་དཔུང་གིས་གྲོང་ཁྱེར་གཙོ་བོ་རེ་འགའ་ཕྱིར་འཕྲོག་ལེན་བྱས་ཡོད་ལ། ད་ལྟའི་དམིགས་ཡུལ་ནི་མཱ་ལིའི་མངའ་ཁོངས་ཆ་ཚང་ཡོང་བར་རོགས་རམ་བྱེད་རྒྱུ་དེ་ཡིན་ཡང་། འཇིགས་ཉེན་རྩ་བ་ནས་མེད་པར་གཏོང་ཐུབ་མེད་ཟེར།

ཁོས་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་མཱ་ལིའི་དམག་དོན་འགུལ་སྐྱོད་ཐད་བསྡོམས་པས་དམག་མི4600མངག་གཏོང་བྱས་པ་དང་། དེའི་ནང་མི350མཱ་ལི་རུ་བཀོད་སྒྲིག་བྱས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་ཧྥ་རན་སིའི་མནའ་མཐུན་རྒྱལ་ཁབ་ཀྱིས་ཀྱང་མཁོ་སྒྲུབ་དང་གསང་འཕྲིན་ཐད་ནས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག