མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ལི་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་ཨུ་རུ་སིའི་ཙུང་ལི་དང་མཉམ་དུ་རྡུལ་ཕྲན་ནུས་པའི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ཁང་གིས་སྤྱི་ཟླ10བའི་ཚེས27ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཙུང་ལི་ཨེ་ལོ་ཡིས་ཨུ་རུ་སི་རུ་འཚམས་འདྲི་བྱེད་པའི་སྐབས་སུ། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བར་སྣང་དང་རྡུལ་ཕྲན་ནུས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧྥ་རན་སིའི་དམིགས་བསལ་འཐུས་མི་ཧྲི་བུན་མན་གྱིས་ཨུ་རུ་སིའི་རང་བཙན་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་རན་སིའི་བཟོ་ལས་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དང་། འགྲིམ་འགྲུལ་སྡེ་ཁག་གི་པུའུ་ཀྲང་། མཐོ་རིམ་སློབ་གསོའི་པུའུ་ཀྲང་། ཕྱི་ཕྱོགས་ཉོ་ཚོང་པུའུ་ཡི་པུའུ་ཀྲང་། དེ་མིན་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་སོགས་ཀྱིས་ཀྱང་ཙུང་ལི་དང་མཉམ་དུ་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད། འཚམས་འདྲིའི་སྐབས་སུ། ཨེ་ལོ་ཡིས་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བར་སྣང་དང་རྡུལ་ཕྲན་ནུས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཧྥ་རན་སིའི་ཞིང་ཞོར་ཐོན་རྫས་ནང་འདྲེན་གྱི་དཔལ་འབྱོར་བཀག་རྒྱ་མེད་པར་བཟོ་བའི་གནད་དོན་ལའང་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧྲི་བུན་མན་གྱིས་ད་རུང་བཤད་རྒྱུར། ང་ཚོས་ད་རུང་ལྕགས་ལམ་དང་འབྲེལ་བའི་མཉམ་ལས་གནད་དོན་ཡང་གླེང་སྲིད། རྒྱུ་མཚན་ནི་ཟླ་གཅིག་གི་ཡར་སྔོན་ང་དང་ཨུ་རུ་སིའི་ལྕགས་ལམ་པུའུ་ཡི་པུའུ་ཀྲང་ཡཱ་ཁུའུ་ཉིན་གཉིས་ངོ་ཐུག་མྱོང་བ་དང་། མའོ་སི་ཁིའི་ཉེ་འཁོར་དུ་ང་ཚོར་སྤྲོ་བ་ཡོད་པའི་གྲོང་ཁྱེར་ཉེ་འདབས་ཀྱི་ལྕགས་ལམ་དང་གློག་འཁོར་བཟོ་སྐྲུན་བྱེད་པའི་ཇུས་གཞི་སོགས་ཡོད་ལ། དེ་དག་ལ་ཧྥ་རན་སིའི་ཁེ་ལས་པ་དག་སྤྲོ་བ་ཆེན་པོ་ཡོད་སྲིད་པས་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག