མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་ཡིས་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་འཆར་གཞི་སྤྲད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སྤྱི་ཟླ10བའི་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་གིས་ཧི་ལན་གྱི་ཧེ་ཡཱ་རུ་ཡོད་པའི་རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་ཡི་རྒྱལ་སྤྱིའི་ལས་ཁུངས་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་དངོས་གཞིའི་འཆར་གཞི་སྤྲད་ཟེར།

གསལ་སྒྲོག་ལས་སི་རི་ཡཱའི་སྲིད་གཞུང་གིས་ཟླ་འདིའི་ཚེས24ཉིན་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆར་འབྲེལ་བའི་ལས་གཞིའི་གསལ་སྒྲོག་སྤྲད་པ་དང་། དེའི་ནང་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་སྤྱིའི་འཆར་གཞི་ཞིག་ཀྱང་ཡོད་ལ། སི་རི་ཡཱའི་ཕྱོགས་ཀྱིས་འཆར་གཞི་སྤྲད་པའི་དུས་ཚོད་དེ་དུས་བཅད་དང་འཚམ་པ་ཁས་ལེན་བྱས།

ཨུ་རུ་སི་དང་ཨ་མེ་རི་ཁས་སྤྱི་ཟླ9བའི་ཚེས14ཉིན་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ལྟར་ན། སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་རྒྱལ་ཁབ་རང་གི་རྫས་འགྱུར་མཚོན་ཆའི་མིང་ཐོ་ཚང་མ་སྤྲོད་དགོས་པ་དང་། སང་ལོའི་ལོ་དཀྱིལ་གྱི་སྔོན་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཚང་མ་མེད་པར་གཏོང་དགོས་པ་རེད།

སི་རི་ཡཱའི་སྲིད་གཞུང་གིས་སྤྱི་ཟླ9བའི་ཚེས21ཉིན་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་རྫས་འགྱུར་མཚོན་ཆའི་མིང་ཐོ་རགས་བསྡུས་ཤིག་སྤྲད་པ་དང་། དེའི་རྗེས་སུ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱ་རུ་ཆེད་མཁས་ཚན་ཆུང་མངག་ནས་མིང་ཐོ་དེ་ལྟར་དུ་རྫས་འགྱུར་མཚོན་ཆ་ཉར་འཇོག་བྱེད་སའི་འབྲེལ་ཡོད་ས་གནས་སུ་ཟླ་གཅིག་ཙམ་ལ་ཞིབ་བཤེར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག