མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ10བའི་ཚེས28ཉིན་གསར་འགྱུར་ལས་རིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་སི་ལན་མཉམ་ལས་རྩ་འཛུགས་དང་མཉམ་དུ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་རྩ་འཛུགས་བར་གྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་ཀྱི་གྲོས་གཞི་ལ་གཞིགས་ཏེ་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་གྲོས་འཆམ་བྱུང་བའི་གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་གཞོགས་འདེགས་གང་ལེགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཞི་བདེ་དང་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ། ཞི་བདེ་སྲུང་སྐྱོབ། ཞི་བདེ་ཁྱབ་ཁོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ནམ་རྒྱུན་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་བྱེད་པ་དང་ཞི་བདེ་འཛུགས་སྐྲུན་བྱེད་པའི་བྱ་བར་འབད་འབུངས་བྱས་པར་གཟེངས་བསྟོད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་པར་རོགས་རམ་བྱེད་པ་དང་། ན་ནིང་གི་རི་ནེ་ཝའི་སྤྱི་སྒྲོག་ལ་གཞིགས་ཏེ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་དུ་འཁྲུག་རྩོད་གཞན་པ་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནས། མཉམ་འབྲེལ་རྒྱལ་ཚོགས་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དམིགས་ཡུལ་གཅིག་མཚུངས་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག