མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཡང་བསྐྱར་ཐུར་ཁེ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་པའེ་ཅིན་སན་གྱིས་སྤྱི་ཟླ10བའི་ཚེས28ཉིན་ནས་བཟུང་ཡང་བསྐྱར་ཐུར་ཁེ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་དང་། དེ་ནི་ད་ལོའི་སྤྱི་ཟླ5བའི་ཚུན་ལ། ཨན་པའེ་ཅིན་སན་གྱིས་ཐེངས་གཉིས་པར་རྒྱལ་ཁབ་དེར་འཚམས་འདྲི་བྱས་པ་རེད།

རྒྱུན་ལྡན་མིན་པའི་འཚམས་འདྲི་དེར་འཇར་པན་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་འགྲེལ་བཤད་བྱས་པ་ནི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཚོ་གཏིང་ཕུག་ལམ་གྱི་མཛད་སྒོར་ཞུགས་པའི་ཆེད་དུ་ཡིན་པར་བཤད་ཀྱང་། ཕྱི་ཕྱོགས་ཀྱིས་བལྟས་ན། ཨན་པའེ་ཅིན་སན་ལ་ཉུང་མཐར་ཡང་དམིགས་ཡུལ་གཞན་པ་གཉིས་ཡོད་དེ། གཅིག་ནི་ཐུར་ཁེའི་སྲིད་གཞུང་གིས་མྱུར་དུ་འཇར་པན་གྱི་ཁེ་ལས་སྡེ་ཚོགས་ཐུར་ཁེའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་ནང་ཞུགས་པར་ཆོག་མཆན་འགོད་པར་སྐུལ་གཏོང་བ་དང་། གཉིས་ནི་ཐུར་ཁེའི་སྲིད་གཞུང་གིས་ཀྲུང་གོའི་འཕུར་མདའི་མ་ལག་ཉོ་སྡུད་མི་བྱེད་པར་ངན་སྐུལ་བྱེད་པའི་ཆེད་དུ་ཡིན་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག