མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མཉམ་ལས་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་བུན་ཞོང་གིས་སྤྱི་ཟླ10བའི་ཚེས28ཉིན་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སྔ་མོ་ནས་ཐག་གཅོད་བྱེད་པའི་ཐད་མཉམ་ལས་ཟབ་མོ་བྱེད་དགོས་པའི་ཚུལ་བསྟན།

ཨ་ཧྲི་ཏོན་གྱིས་གྲོས་མོལ་བྱེད་སྐབས་ཨན་ཐེན་བུན་ཞོང་ལ་དབྱི་ལིང་དང་མཉམ་དུ་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་མོལ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཨན་ཐེན་བུན་ཞོང་གིས་བཤད་རྒྱུར། འཇར་པན་གྱིས་དབྱི་ལིང་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་བེད་སྤྱད་དེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱས་ནས། མུ་མཐུད་དུ་དབྱི་ལིང་གིས་བྱེ་བྲག་གི་བྱེད་ཐབས་སྤྱོད་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་སྤྱི་ཟླ11པའི་ཚེས19ཉིན་ཏུང་ཅིན་ནས་འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་བསྡུས་ཏེ། བདེ་འཇགས་འགན་སྲུང་དང་། དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་བཅས་གྲོས་ཚོགས་ལ་ཞུགས་རྒྱུ་ཐག་བཅད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་ཐེན་བུན་ཞོང་གིས་སྤྱི་ཟླ11པའི་ཟླ་སྟོད་ལ་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱེད་པའི་འཆར་གཞི་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག