མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འཛུགས་སྐྲུན་ཕྱོགས་བསྡུས་དོན་གཅོད་ཁང་གི་འགན་ཡུན་ཇེ་རིང་དུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས28ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འཛུགས་སྐྲུན་ཕྱོགས་བསྡུས་དོན་གཅོད་ཁང་གི་འགན་ཡུན2015ལོའི་ཟླ1པོའི་ཚེས31ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཆོད་ལས་དོན་རྐྱེན་ཁང་དེའི་འགན་ནུས་ལས་ཤུགས་སྣོན་བྱས་ཤིང་། འཁྲུག་རྩོད་སྔོན་འགོག་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་རོགས་རམ་བྱེད་པ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་རོགས་སྐྱོར་བྱས་ནས་དེའི་སྲིད་གཞུང་གི་འགན་ནུས་ལག་བསྟར་དང་མི་དམངས་ལ་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ནུས་པར་ཤུགས་སྣོན་བྱས་ཏེ། བདེ་འཇགས་གནས་བབ་སྲུང་འཛིན་དང་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པར་རམ་འདེགས་བྱེད་རྒྱུ་ཐག་བཅད།

གྲོས་ཆོད་ལས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བ་དང་ཁྲིམས་སྐྱོང་དང་བྲལ་བའི་སྣང་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་འཇགས་མིན་པའི་གནས་བབ་ལས་ཨ་ཧྥེ་རི་ཁ་དབུས་མ་ས་ཁུལ་དང་ས་ཁུལ་གཞན་པར་ཐེབས་སྲིད་པའི་མཇུག་འབྲས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། གྲོས་ཆོད་ལས་བར་བརྒལ་དབང་འཛིན་ལས་ཁུངས་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་ཡོད་པས། མུ་མཐུད་དུ་བརྟན་འཇགས་དང་མི་རིགས་འགྲིག་མཐུན། རྒྱལ་ཡོངས་ཀྱི་གཅིག་གྱུར་བཅས་མངོན་འགྱུར་འབྱུང་བར་ཡར་སྐུལ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག