མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རོགས་རམ་བྱས་ཏེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་བསྟན་དོན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་པུའུ་ལུའུ་སེར་ནས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་རྩ་འཛུགས་ལ་རོགས་རམ་བྱས་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ལས་འགན་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཅིག་གཅིག་བརྒྱད་ཡོངས་འགྲུབ་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་དང་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་རྩ་འཛུགས་ལ་རོགས་རམ་བྱས་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བ་སོགས་འདུས་པའི་ད་ཡོད་ཀྱི་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་དང་ལཱ་སི་མུའུ་སིན་གྱིས་གྲོས་མོལ་བྱེད་སྐབས་ད་རུང་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་གནས་པའི་དཀའ་གནད་དང་མདུན་ལྗོངས་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡོ་རོབ་གླིང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ཀྱི་ཐུན་མོང་ས་ཁུལ་འཛུགས་པའི་མཉམ་འབྲེལ་ཆོད་དོན་ངེས་པར་དུ་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན་ཟེར།

གྲོས་མོལ་ལས་ད་རུང་འཕུར་མདའི་འགོག་སྲུང་མ་ལག་དང་བཅས་པའི་རྩོད་གླེང་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་མཉམ་ལས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག