མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་གི་འཇབ་རྒོལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས85ལ་བསླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས28ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་ཚེས26ཉིན་བྱུང་བའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི85ལ་བསླེབས་ཡོད་ཟེར།

པའོ་ཨར་ནོའུ་ཀྲིག་གི་ཁུང་ཏུའུ་ཅཱ་ས་ཁུལ་གྱི་སྲིད་གཞུང་དཔོན་པོ་ཡཱ་ལེ་ཡིས་ཉིན་དེར་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་མི་སྣས་འཇབ་རྒོལ་དོན་རྐྱེན་བྱུང་ས་ནས་བེམ་པོ85རྙེད་པ་དང་། དེ་ལས་གཞན་ཉུང་མཐར་ཡང་མི50ལ་རྨས་ཕོག་པར་མ་ཟད། མི16གར་སོང་རྙེད་མེད། རྨས་མ་ཚང་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ལ། རྒུད་སྐྱོབ་བྱ་འགུལ་མུ་མཐུད་དུ་སྤེལ་བ་ལས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཁུང་ཏུའུ་ཅཱ་ས་ཁུལ་གྱི་གྲོང་སྡེ་ཞིག་ལ་ཚེས་ཉེར་དྲུག་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི52རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་གཅིག་ཡོད་ཟེར། པའོ་ཨར་ནོའུ་ཀྲིག་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཐན་ཁི་ཡིས་ཚེས27ཉིན་གྱི་དགོང་མོར་གནས་ཚུལ་དེ་བདེན་དཔང་བྱས་པར་མ་ཟད། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པས་བཟོས་པ་ཡིན་ཡང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག