མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧིན་རྡུ་ཉི་ཞི་ཡཱ་རུ་དྲག་ཆར་བབས་ཏེ་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི19རྐྱེན་ལམ་དུ་ཤོར་བ་དང་མི19གར་སོང་མ་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་དཔོན་རིགས་ཀྱིས་ཚེས28ཉིན་བཤད་རྒྱུར། ཉེ་སྔོན་རྒྱལ་ཁབ་དེའི་བཀྲ་ཝ་གླིང་ཕྲན་དུ་དྲག་ཆར་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་བ་དང་། མི10གར་སོང་རྙེད་མེད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་སེལ་ཅུའུ་ཡི་མགྲིན་ཚབ་པ་ནོའུ་ཀི་ལོ་ཧའོ་ཡིས་བཤད་རྒྱུར། ཚེས28ཉིན་གྱི་ཞོགས་པར་སྡེ་བ་ཞིག་གི་ཁང་ཤར་ལྔ་རི་ཉིལ་བའི་འོག་ཏུ་མནན་ཟེར།

རྒུད་སྐྱོབ་མི་སྣས་འདམ་སེག་ཁྲོད་ནས་བེམ་པོ7རྙེད་པ་དང་། འདམ་སེག་འོག་ཏུ་མནན་པར་བཤད་པའི་མི10འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

ཁོས་བཤད་རྒྱུར། སྒྲིག་ཆས་མེད་པའི་དབང་གིས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ལ། གར་སོང་མ་རྙེད་པའི་མི་ཚང་མ་གསོན་པའི་གོ་སྐབས་ཧ་ཅང་ཉག་ཕྲ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག