མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཐོན་པའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 11:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༡༨ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསར་འགྱུར་གསལ་བསྒྲགས་སྤེལ་ནས། ཚིག་རྩ་དྲག་ཤོས་ཐོག་ནས་ཉིན་དེ་རང་དུ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧྥ་ལི་ཡ་པུ་ཞིང་ཆེན་དུ་ཐོན་པའི་མི་སྣ་འབོར་ཆེན་ཤི་སྨས་ཀྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བཏང་ཡོད་པ་དང་། འཇབ་རྒོལ་བྱེད་མཁན་ཁྲིམས་ལ་སྦྱོར་དགོས་པའི་བླང་བྱ་བཏོན་འདུག གསལ་བསྒྲགས་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐ་ལི་པན་དང་། རྟེན་གཞིའི་སྒྲིག་འཛུགས། དེ་བཞིན་ཁྲིམས་འགལ་དྲག་ཆས་ཚོགས་པ་བཅས་ཀྱིས་ས་གནས་དེ་གའི་མང་ཚོགས་དང་། རྒྱལ་ཁབ་བདེ་འཇགས་དཔུང་སྡེ། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་རྒྱལ་སྤྱིའི་དམག་དོན་དང་རོགས་སྐྱོབ་སྟོབས་ཤུགས་བཅས་ལ་འཇིགས་སྐུལ་བཟོ་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྐྱར་བཤད་བྱས་ཡོད་པ་དང་། འཇིགས་སྐུལ་འཇབ་རྒོལ་བྱེད་མཁན་དང་། སྒྲིག་འཛུགས་བྱེད་མཁན། རོགས་དངུལ་སྤྲོད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཁྲིམས་ལ་སྦྱོར་དགོས་པའི་ཁཁ་བཤདད་བྱས་ཡོད་པ་མ་ཟད་རྒྱལ་ཁབ་ཁག་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་འཛིན་བྱེད་མཁན་གྱིས་མཉམ་ལས་ཧུར་ཐག་བྱེད་དགོས་པའི་རེ་འབོད་བྱས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག