མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ས་ཁུལ་མང་པོར་གནམ་བླུགས་མེ་སྒྱོག་གི་འཇབ་རྒོལ་ཕོག་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 11:05

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཚེས་༡༨ཉིན་སི་རི་ཡའི་གཞུང་ཕྱོགས་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེ་རང་དུ་སི་རི་ཡའི་ས་ཁུལ་མང་པོར་གནམ་བླུགས་མེ་སྒྱོག་གི་འཇབ་རྒོལ་ཕོག་པ་དང་། ཉུང་མཐར་ཡང་མི་༡༣རྐྱེན་ལམ་དུ་ཤོར་བ་དང་མི་༥༢ལ་སྨས་སྐྱོན་བཟོས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་རྒྱལ་སྤྱིའི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕི་ནད་ལོས་ཉིན་དེ་རང་དུ་སི་རི་ཡར་གདོང་གཏུག་ཐོན་ནས་ལོ་བཞི་པར་སླེབས་ཡོད། འོན་ཀྱང་སི་རི་ཡའི་མངའ་ཁོངས་ཀྱི་དྲག་ཤུགས་བྱེད་སྒོ་ཞི་ལྷོད་དུ་འགྲོ་བའི་རྣམ་པ་ཐོན་མེད་ཅེས་གསུངས་འདུག སྤྱི་ཚེས་༡༨ཉིན་ཨ་རིའི་རྒྱལ་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨ་རིས་སི་རི་ཡ་སྲིད་གཞུང་གིས་ལམ་སང་ཨ་རིར་བཅའ་སྡོད་སི་རི་ཡའི་གཞུང་ཚབ་ཆེན་མོ་ཁང་དང་གཞུང་དོན་ཁང་གི་ལས་དོན་གནས་སྐབས་མཚམས་འཇོག་བྱེད་དགོས་ཞེས་བཤད་ཡོད་པ་རེད། ཨ་རིའི་སི་རི་ཡའི་གནད་དོན་སྐོར་གྱི་ཆེད་བསྐོས་ཕོ་ཉ་ཏན་ནིར་ལུའུ་པིང་སེ་ཐན་གྱིས། ཨ་རིའི་བྱ་ཐབས་དེ་ནི་སི་རི་ཡ་སྲིད་གཞུང་གིས་ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་དང་གཞུང་དོན་ཁང་གི་ལས་དོན་གནས་སྐབས་མཚམས་འཇོག་བྱེད་རྒྱུ་ཁྱབ་བསྒྲག་བྱས་རྗེས་གཏན་འབེབ་བྱས་པ་ཞིག་ཡིན་ཞེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག