མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མར་ཏའེ་ཝེ་ཡི་གླིང་ཕྲན་ཞིག་གི་སྡོད་དམངས་ཀྱིས་འགྲུལ་སྐྱེལ་གནམ་གྲུ་ཞིག་དམའ་མོར་འཕུར་བ་དངོས་སུ་མཐོང་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:05

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མར་ཏའེ་ཝེ་ཡི་མཐའ་འཁོབ་ཀྱི་ཁུའུ་ཏཱ་ཧུའུ་ཝུ་ཏུའུ་གླིང་ཕྲན་གྱི་སྡོད་དམངས་ཀྱིས་བཤད་རྒྱུར། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་རྙེད་པའི་ཉིན་དེའི་ཕྱི་དྲོར་འགྲུལ་སྐྱེལ་གནམ་གྲུ་ཆེ་བ་ཞིག་དམའ་མོར་གླིང་ཕྲན་དེ་བརྒྱུད་དེ་འཕུར་བ་མཐོང་མྱོང་ཟེར། བསྒྲགས་པ་ལྟར་ན། མར་ཏའེ་ཝེའི་ཉེན་རྟོག་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

    ཁོ་ཚོས་མཐོང་བའི་འགྲུལ་སྐྱེལ་གནམ་གྲུ་དེའི་ཁ་དོག་དཀར་པོ་ཡིན་པ་དང་སྟེང་དུ་ཁ་དོག་དམར་པོའི་ཐིག་རིས་ཡོད་ལ། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་དང་གཅིག་མཚུངས་ཡིན་ཟེར། ས་དེའི་སྡོད་དམངས་ཀྱིས་ད་རུང་བསྟན་དོན། གནམ་གྲུ་དེ་སྐབས་དེར་བྱང་ཕྱོགས་ནས་ཤར་ལྷོའི་ཕྱོགས་སུ་འཕུར་བ་དང་། གླིང་ཕྲན་བརྒྱུད་དེ་འཕུར་སྐབས་སྒྲ་སྐད་ཆེན་པོ་བྱུང་ལ། དམའ་མོར་འཕུར་བའི་དབང་གིས་གནམ་གྲུའི་སྒོ་དང་སྒེའུ་ཁུང་སོགས་ཀྱང་གསལ་བོར་མཐོང་ཐུབ་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག