མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་རྒྱ་མཚོར་ནུབ་པའི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་གྲུ་དཔོན་རོགས་མི་གསུམ་འཛིན་བཟུང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

韩国失事客轮船长等3人被拘捕 遇难人数上升至29人.jpg

ཧན་གོའི་ལྷོ་ནུབ་མཚོ་ཁོངས་སུ། མཚོ་དམག་གི་ཆུ་བ་རྣམས་ཀྱིས་རྒྱ་མཚོར་ནུབ་པའི་གྲུ་གཟིངས་སྟེང་དབུགས་ལྒང་བཏགས་ཏེ་དབུགས་ལྒང་གི་གཡེང་ཤུགས་ལ་བརྟེན་ནས་འགྲུལ་སྐྱེལ་གྲུ་གཟིངས་རྒྱ་མཚོའི་གཏིང་དུ་ནུབ་པར་སྔོན་འགོག་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་རྒྱ་མཚོར་ནུབ་པའི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་གྲུ་དཔོན་ལིས་དང་རིམ་པ་གསུམ་པའི་མཚོ་འགྲུལ་མཁན་པོ་ཕེའོ། གྲུ་གཟིངས་ཀྱི་ཁ་ལོ་བ་བཅས་མི་གསུམ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། དོན་རྐྱེན་དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་ཉེར་དགུ་ལ་བསླེབ་ཡོད་ཟེར།

    བསྒྲགས་པ་ལྟར་ན། གྲུ་དཔོན་ལིས་ཀྱིས་གྲུ་དཔོན་གྱི་འགན་འཁྲི་ལག་བསྟར་མ་བྱས་པའི་དབང་གིས་འགྲུལ་བ་རྐྱེན་ལམ་དུ་ཤོར་བའི་ཉེས་པ་བཟོས་ཡོད་པ་དང་། དེ་ལས་གཞན་ཁོ་ད་རུང་བྱ་བའི་ནོར་འཆུག་དབང་གིས་གྲུ་གཟིངས་རྒྱ་མཚོར་ནུབ་ཏུ་བཅུག་ནས་རྒྱ་མཚོའི་དོན་རྐྱེན་གྱི་རྒུད་སྐྱོབ་བཅའ་ཁྲིམས་དང་འགལ་ཡོད་ཟེར།

    ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པར་ཁ་སྣོན་བྱས་པའི་འབྲེལ་ཡོད་བཅའ་ཁྲིམས་སྲོལ་ཡིག་ལྟར་ན། གྲུ་དཔོན་ལིས་ལ་ཆེས་མཐོ་ན་ཚེ་བཙོན་དང་ཡང་ན་ལོ་ལྔའི་ཡན་གྱི་དུས་བཀག་བཙོན་འཇུག་བྱེད་ངེས་རེད།

    ཞོར་དུ་མཚོ་འགྲུལ་མཁན་པོ་ཕེའོ་དང་ཁ་ལོ་བ་སོགས་མི་གཉིས་ཀྱང་བྱ་བའི་ནོར་འཆུག་དབང་གིས་འགྲུལ་སྐྱེལ་གྲུ་གཟིངས་རྒྱ་མཚོར་ནུབ་ཏུ་བཅུག་པས་རྒྱ་མཚོའི་དོན་རྐྱེན་གྱི་རྒུད་སྐྱོབ་བཅའ་ཁྲིམས་དང་འགལ་ཡོད་པ་རེད།

    བསྒྲགས་པའི་གནས་ཚུལ་ལྟར་ན། འཛིན་བཟུང་བཀའ་རྒྱ་བསྒྲགས་རྗེས་ཞིབ་དཔྱོད་ཁང་གིས་མི་དེ་གསུམ་ལ་དུས་ཡུན་ཉིན་སུམ་ཅུའི་རིང་བཀག་འཇུག་ཞིབ་བཤེར་བྱེད་རྒྱུ་རེད།

    སྲོག་ཉེན་ལས་ཐར་བའི་མི་མང་བོ་ཞིག་གིས་བསྟན་དོན། གྲུ་དཔོན་དང་བཅས་པའི་གྲུ་ཐོག་གི་ལས་བྱེད་པ་མང་བོ་ཞིག་གིས་དོན་རྐྱེན་བྱུང་མ་ཐག་གྲུ་གཟིངས་བསྐྱུར་ནས་བྲོས་བྱོལ་བྱས་པར་བཤད་པ་དང་། ཞིབ་དཔྱོད་སྡེ་ཁག་གིས་ཀྱང་སྐབས་ཐོག་དེའི་བརྙན་རིས་ལ་ཁས་ལེན་བྱས་ཡོད།

    ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཧན་གོའི་འགྲུལ་བ་བརྒྱ་དང་དོན་དྲུག་དྲུད་ཡོད་པའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཆོན་ལོ་ལྷོ་ལམ་ཅོན་ཀོན་མེ་གླིང་ཕྲན་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གསུམ་ཙམ་ཡོད་པའི་མཚོ་ཁོངས་ནས་རྒྱ་མཚོར་ནུབ། མིག་སྔར་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་བཞི་སྲོག་ཉེན་ལས་བསྐྱབས་ཡོད་ལ། གཞན་ཡང་མི་ཉིས་བརྒྱ་དང་དོན་གསུམ་གར་སོང་རྙེད་མེད་པ་བདེན་དཔང་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག