མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུ་ཁེ་ལན་བདེ་འཇགས་ཅུད་ཀྱིས་ཡ་ནུ་ཁེ་ཝེ་ཆིའི་བུ་རྒན་པ་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཀྲམ་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཁེ་ལན་བདེ་འཇགས་ཅུད་ཀྱིས་ཝུ་ཁེ་ལན་གྲོས་ཚོགས་ཁང་གིས་གནས་དབྱུང་བཏང་སྟེ་ཕྱིར་འབུད་བྱས་པའི་ཙུང་ཐུང་ཟུར་པ་ཡ་ནུ་ཁེ་ཝེ་ཆིའི་བུ་རྒན་པ་ཡ་ལིད་ཧྲན་ཏ་ཡ་ནུ་ཁེ་ཝེ་ཁེ་ཆི་འཛིན་བཟུང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཝུ་ཁེ་ལན་གྱི་ནང་ཁུལ་གནས་ཚུལ་ལ་གཞིགས་ན། ཝུ་ཁེ་ལན་གྱི་ཉེས་ཁྲིམས་གསུང་རབ་ཀྱི་དོན་ཚན་366གི་ནང་དོན་ཁག་༢པར་གཞིགས་ཏེ། ཡ་ལིད་ཧྲན་ཏ་ཡ་ནུ་ཁེ་ཝེ་ཆིར་འགན་གནས་དང་ཡིག་ཆ་རྫུན་བཟོ་བྱས་པ་དང་། དེ་བཞིན་ཡིག་ཆ་རྫུན་མ་འཆར་ཟིན་བཀོད་པ་མ་ཟད་འགྲེམས་སྤེལ་བྱས་ཏེ་མཇུག་འབྲས་ཚབས་ཆེན་བཟོས་པའི་ཉེས་བསག་དོགས་པ་ཡོད་པ་དང་། ཁྲིམས་སྲོལ་དེའི་ནང་མང་ཤོས་ལ་ལོ་ལྔ་བཙོན་འཇུག་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

དེའི་གོང་ཝུ་ཁེ་ལན་གྱི་གསར་འགྱུར་ལས་རིགས་ཀྱིས། ཡ་ནུ་ཁེ་ཝེ་ཆིའི་བུ་རྒན་པ་སྤྱི་ཟླ་2པའི་ཚེས་23ཉིན་ཝུ་ཁེ་ལན་གྱི་ཁྲིམས་སྲུང་མི་སྣའི་ལྟ་སྲུང་འོག་ནས་བྲོས་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ཡ་ལིད་ཧྲན་ཏ་ཡ་ནུ་ཁེ་ཝེ་ཆིའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་དང་ས་ཡ་བདུན་ནས་ཨ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་བར་ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག