མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བཅུ་ཐོག་གཅིག་སྣོན་རིག་གནས་པུའུ་ཀྲང་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བཅུ་ཐོག་གཅིག་སྣོན་རིག་གནས་པུའུ་ཀྲང་གྲོས་ཚོགས་ཐེངས་གཉིས་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ ལྗར་པན། ལྷོ་ཁོ་རེ་ཡའི་བཅུ་ཐོག་གསུམ་སྣོན་རིག་གནས་པུའུ་ཀྲང་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ཚེས་19ཉིན་འོས་ཏེ་ནམ་གྱི་ཧྲུན་ཧོག་ཏུ་སྐོང་འཚོགས་བྱས་ཡོད་པ་དང་། རིག་གནས་པུའུ་ཀྲང་ཚད་ཝུའུ་ཡིས་ཀྲུང་གོ་སྲིད་གཞུང་གི་རིག་གནས་འཐུས་མི་ཚོགས་པའི་སྣེ་འཁྲིད་ནས་གྲོས་ཚོགས་ལ་ཞུགས་འདུག

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་རིག་གནས་པུའུ་ཀྲང་གྲོས་ཚོགས་ཐོག ཚོགས་ཞུགས་ཕྱོགས་ཁག་གིས་བཅུ་ཐོག་གསུམ་སྣོན་གྱི་ཁྱབ་ཁོངས་ནང་ཨེ་ཤ་ཡ་ཤར་མའི་རིག་གནས་གྲོང་ཁྱེར་བྱེད་སྒོ་སྤེལ་བ་དང་། ཆེད་དོན་ཁྱབ་ཁོངས་ནང་གི་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་དང་། རིག་གནས་ཐོན་ལས། སྤྱི་པའི་རིག་གནས་ཞབས་ཞུ། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཡོད་པ་དང་། མགྲིན་གཅིག་ཏུ་བཅུ་ཐོག་གསུམ་སྣོན་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་ནང་དོན་གཏིང་ཟབ་དུ་བཏང་ནས། ས་ཁུལ་དེ་གའི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་འགན་སྲུང་བྱེད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་མོས་མཐུན་བྱས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག