མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཕ་ཀི་སི་ཐན་རྒྱལ་ཁབ་གཉིས་པོའི་དམག་དཔུང་གིས་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་19ཉིན་ཀྲུང་གོ་དང་ཕ་ཀི་སི་ཐན་རྒྱལ་ཁབ་གཉིས་པོའི་དམག་དཔུང་གིས་ཕ་ཀི་སི་ཐན་དུ་མིང་ཚབ་དུ་སྤྱི་ལོ་༢༠༡༤ལོའི་ཞི་བདེའི་ཕོ་ཉ་ཞེས་པའི་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱས་འདུག ཐེངས་འདིའི་མཉམ་འབྲེལ་དམག་དོན་ནང་སྦྱོང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་དང་ཕ་ཀི་སི་ཐན་གྱི་སྐམ་དམག་སྤྱི་ཁྱབ་ཁང་གིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། ཕ་ཀི་སི་ཐན་གྱི་ས་ཁུལ་ཞིག་ལ་ས་ཡོམས་རྒྱབ་པ་མ་ཟད་ཆུ་ལོག་གནོད་འཚེ་ཐོན་ནས་མི་སྣ་འབོར་ཆེན་ཤི་སྨས་བྱུང་བ་རྒྱབ་ལྗོངས་སུ་བྱས་ནས། དམག་དཔུང་ཁག་གཉིས་པོས་གནོད་འཚེ་ཕོག་ཁུལ་དུ་མཉམ་འབྲེལ་ཐོག་ཐང་འཐབ་སྨན་བཅོས་རོགས་སྐྱོབ་བྱས་ཡོད་པ་རེད། ཕྱོགས་གཉིས་པོས་མ་འོངས་པའི་ཉིན་ཁ་ཤས་རིང་བསྟུད་མར་རིགས་གཅིག་མཁས་པའི་རིག་གཞུང་སྤེལ་རེས་དང་། སྒྲོག་ཐོག་དཔེ་སྦྱོང་། མཉམ་བསྲེས་ཚོགས་ཆུང་སྦྱོང་བརྡར། དམག་མི་དངོས་དང་སྒྲིག་ཆས་དངོས་ཀྱི་སྦྱོབ་བརྡར་བྱེད་རྒྱུ་ཡིན་པ་རེད། དེ་ནི་ཀྲུང་གོ་དང་ཕ་ཀི་སི་ཐན་དམག་དཔུང་ཁག་གཉིས་པོས་འཕྲོད་བསྟེན་ཞབས་འདེགས་ཁྱབ་ཁོངས་ནང་མཉམ་འབྲེལ་ནང་སྦྱོང་བྱེད་སྒོ་སྤེལ་ཐེངས་དང་པོ་ཡིན་པ་དང་། དམག་དཔུང་ཁག་གཉིས་པོའི་འཕྲོད་བསྟེན་ཞབས་འདེགས་མི་སྣས་མཉམ་འབྲེལ་བཀོད་འདོམས་དང་། མཉམ་འབྲེལ་བྱ་སྤྱོད་སྤེལ་བའི་ནུས་ཤུགས་གོང་མཐོར་གཏོང་རྒྱུ་དང་། དམག་དཔུང་ཁག་གཉིས་པོའི་རྒྱབ་ཕྱོགས་ཞབས་འདེགས་ཁྱབ་ཁོངས་ནང་གི་དངོས་གྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རྒྱ་ཆེར་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག