མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་ཁྲུང་ཧྲེང་རྫོང་པན་ཡེ་གུའུ་ས་ཁུལ་གྱི་མང་ཚོགས་ཀྱིས་འདུ་འཛོམས་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་19ཉིན་ལྗར་པན་ཁྲུང་ཧྲེང་རྫོང་གི་པན་ཡེ་གུའུ་ས་ཁུལ་གྱི་མང་ཚོགས་ཀྱིས་འདུ་འཛོམས་བྱས་ནས། ལྗར་པན་དུ་བཅའ་སྡོད་ཨ་རིའི་དམག་གི་ཕུའུ་ཐན་ཅན་རྟེན་གཞི་པན་ཡེ་གུའ་ས་ཁུལ་དུ་གནས་སྤོས་བྱེད་པར་ངོ་རྒོལ་བྱས་འདུག གནས་ཚུལ་སྤེལ་བར་གཞིགས་ན་ས་གནས་དེ་གའི་མང་ཚོགས་དྲུག་བཅུ་ཙམ་གྱིས་ཉིན་དེ་རང་དུ་གྲུ་གཟིངས་ལ་བསྡད་ནས་པན་ཡེ་གུའི་མཚོ་ཐོག་ཏུ་མགྲིན་གཅིག་གིས་སྐད་ཤུགས་ཆེན་པོས་པན་ཡེ་གུའུ་རྟེན་གཞི་གསར་པ་འཛུགས་པར་ངོ་རྒོལ་དང་པན་ཡེ་གུའི་རྒྱ་མཚོ་འགན་སྲུང་བྱེད་དགོས་ཞེས་བཤད་ཡོད་པ་དང་། གཞན་ཡང་མི་400ཙམ་གྱིས་པན་ཡེ་གུའི་མཚོ་འགྲམ་དུ་སྤེལ་བའི་འདུ་འཛོམས་ནང་ཞུགས་པ་དང་། ལྗར་པན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་པན་ཡེ་གུར་ཨ་རིའི་དམག་གི་རྟེན་གཞི་འཛུགས་རྒྱུའི་འཆར་གཞི་དོར་དགོས་པའི་རེ་བ་བཏོན་འདུག

འཛམ་གླིང་དམག་ཆེན་གཉིས་པའི་དུས་མཇུག་གི་ཁྲུང་ཧྲེང་དམག་ཁྲུག་གི་ཉམས་མྱོང་ཡོད་པའི་ཏང་ཅན་སི་ཁྲའོ་ཡིས་པན་ཡེ་གུའུ་དང་ས་ཁུལ་གང་ཞིག་ཏུའང་རྟེན་གཞི་འཛུགས་མི་ཆོག ཞི་བདེའི་ཁོར་ཏུག་ཁྲོད་གཞི་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོད་ཅེས་བཤད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག